http://www.rssboard.org/rss-specification 720 XTF Search Results (subject=གླེགས་བམ། ཞ༽;subject-join=exact;smode=simple;brand=default) http://nitarthadigitallibrary.org/xtf/search?subject%3Dགླེགས་བམ།%20ཞ༽;subject-join%3Dexact;smode%3Dsimple;brand%3Ddefault Results for your query: subject=གླེགས་བམ། ཞ༽;subject-join=exact;smode=simple;brand=default Sun, 27 Feb 2022 12:00:00 GMT ཀཾ་ཚང་མན་ངག་གཅེས་བཏུས།. ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན། http://nitarthadigitallibrary.org/xtf/view?docId=tei/KMC021/KMC021.xml ཀཾ་ཚང་མན་ངག་གཅེས་བཏུས་ལས་གྲོ་ལོད་སྐོར་གྱི་གླེགས་བམ་ ཞ༽ པའི་བཞུགས་བྱང་ལ། ༡ 1–2 ཡེ་གསང་ཐུགས་གཏེར་གྱི་ཟིན་བྲིས་ལས་མདོས་ཡས་ཟོར་བཅའ་ཐབས་སྒོམ་དོན་རབ་གསལ། ༢༨ 5–60 རྡོ་རྗེ་གྲོ་ལོད་ཀྱི་རྫོགས་ཆེན་ཨ་ཏིའི་ཁྲིད་ཡིག་རིག་འཛིན་དགོངས་གསལ་གྱི་སྔོན་འགྲོའི་ཁྲིད་རིམ། ༣༡ 61–122 རྡོ་རྗེ་གྲོ་ལོད་ཀྱི་ཟིན་བྲིས་གྱི་ཕྱི་སྒྲུབ་ཀུན་བཟང་གི་དམིགས་ཟིན་བསྒོམ་དོན་རབ་གསལ། ༢༤ 123–170 རྡོ་རྗེ་གྲོ་ལོད་ཀྱི་བླ་མའི་ནང་སྒྲུབ་དྲག་པོ་རྩལ་གྱི་ཟིན་བྲིས་དམིགས་ཐུན་གསལ་པོར་བཀོད་པ། ༢༤ 171–217 ཟབ་གསང་དོན་བསྡུས་ཚེ་སྒྲུབ་ཀྱི་དམིགས་རིམ། ༨ 219–234 ཡེ་གསང་ཐུགས་གཏེར་ལས་རྒྱལ་བ་རིགས་ལྔའི་ཟབ་ཁྲིད། ༡༤ 235–262 བར་དོ་དྲུག་གི་སྨོན་ལམ་རྗེ་རས་པ་ཆེན་པོའི་ཞལ་ལུང༌། ༢ 263–265 ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས་གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་ http://nitarthadigitallibrary.org/xtf/view?docId=tei/KMC021/KMC021.xml Thu, 01 Jan 1970 12:00:00 GMT ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།. ཀུན་མཁྱེན་པདྨ་དཀར་པོ། http://nitarthadigitallibrary.org/xtf/view?docId=tei/KPK021/KPK021.xml རྗེ་བཙུན་ཏིལླི་པས་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒ་མ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་ཨུ་པ་དེ་ཤཾ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །དཔལ་ལྡན་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་གྱུར་ཀྱང་། །དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པས། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །ཀྱེ་ཧོ་འཇིག་རྟེན་ཆོས་ལ་ལེགས་ལྟོས་དང་། །རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །དེས་ན་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་ཐོངས། །འཁོར་གཡོག་ཆགས་སྡང་ཉེ་འབྲེལ་ཀུན་སྤངས་ལ། །གཅིག་པུ་ནགས་འདབ་རི་ཁྲོད་དགོན་པར་བསྒོམ། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། །འཁོར་བའི་ཆོས་འདི་དོན་མེད་ཆགས་སྡང་རྒྱུ། །བྱས་ཆོས་སྙིང་པོ་མེད་པས་དོན་དམ་ལྟོས། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྙེད། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་གཅོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །རྩ་བཅད་ཡལ་ག་ལོ་མ་ཁྲི་འབུམ་སྐ... http://nitarthadigitallibrary.org/xtf/view?docId=tei/KPK021/KPK021.xml Thu, 01 Jan 1970 12:00:00 GMT རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།. ངག་དབང་བློ་བཟང་རྒྱ་མཚོ། http://nitarthadigitallibrary.org/xtf/view?docId=tei/GLG021/GLG021.xml ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ཞ་པའི་དཀར་ཆག་བཞུགས་སོ། ། http://nitarthadigitallibrary.org/xtf/view?docId=tei/GLG021/GLG021.xml Thu, 01 Jan 1970 12:00:00 GMT སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཅིག་པ།. དྷརྨཱ་ཤྲཱི། http://nitarthadigitallibrary.org/xtf/view?docId=tei/KMG021/KMG021.xml རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤ... http://nitarthadigitallibrary.org/xtf/view?docId=tei/KMG021/KMG021.xml Thu, 01 Jan 1970 12:00:00 GMT